Note 48 — Appendix.
Reading edition
༄༅ ༎ཡུལ་ཞིག་48ན་49བྲམ་ཟེ་དབྱུག་པ་ཅན་ཞེས་བྱ་བ་50ཞིག༌འདུག་51སྟེ52། རབ་ཏུ་དབུལ་འཕོངས་པ་བཟའ་བ་དང༌། བགོ་བ་མེད་པ་53ཞིག་གོ54། དེས་ཁྱིམ་བདག་ཅིག་ལས་55བ་གླང་ཞིག་བརྙས་ཏེ། ཉིན་པར་སྤྱད་ནས་བ་གླང་དེ་ཁྲིད་དེ་ཁྱིམ་བདག་དེའི་ཁྱིམ་དུ་སོང་བ་དང༌། དེ་ན་56ཁྱིམ་བདག་ནི་ཟན་ཟ་སྟེ། དབྱུག་པ་ཅན་གྱིས་བ་གླང་དེ་ཁྱིམ་གྱི་ནང་དུ་བཏང་57བ་དང༌། བ་གླང་སྒོ་གཞན་དུ་སོང་ནས་སྟོར་རོ༎ ཁྱིམ་བདག་དེ་ཟན་དེ་ཟོས་ནས་ལངས་58པ་དང༌། དེ་ན་བ་གླང་མ་མཐོང་ནས་དེས་དབྱུག་པ་ཅན་ལ་གླང་ག་རེ་ཞེས་བྱས་པ་59དང༌། ཏེས་སྨྲས་པ། ཁྱོད་ཀྱི་ཁྱིམ་དུ་བཏང་ངོ༌། །ཁྱོད་ཀྱིས་ངའི་གླང་བོར་གྱིས་60སློར་བྱིན་ཅིག་61ཅེས་སྨྲས་པ་དང༌། དེས་སྨྲས་པ། ངས་མ་བོར་རོ༎ དེ་ནས་དེ་གཉིས་འགྲོགས་ཏེ། རྒྱལ་པོའི་ཐད་དུ་འདོང་བ་དང༌། འུ་བུ་ཅག་གི་རིགས་པ་དང་མི་རིགས་པ་རྟོག་པར་འགྱུར་རོ་62ཞེས་སྨྲས་ནས་དེ་གཉིས་དོང་བ་དང༌། མི་གཞན་ཞིག་གི་རྟ་རྒོད་མ་ཞིག་བྲོས་ནས། དེས་དབྱུག་པ་ཅན་ལ་སྨྲས་པ། རྒོད་མ་མ་བཏང་63ཞེས་སྨྲས་པ་དང༌། དེས་རྡོ་ཞིག་བླངས་64ཏེ་འཕངས་65པ་དང་རྟའི་རྐང་པ་ལ་ཕོག་ནས་རྐང་པ་བཅག་66གོ །དེས་སྨྲས་པ། ཁྱོད་ཀྱིས་ངའི་རྟ་བསད་ཀྱིས་67ངའི་རྟ་བྱིན་ཅིག །ཅིའི་ཕྱིར་རྟ་སྦྱིན། དེས་སྨྲས་པ་ཚུར་ཤོག །རྒྱལ་པོའི་དྲུང་དུ་68འདོང་དང༌། འུ་བུ་ཅག་གི་ཞལ་ཆེ་གཅོད་དུ་འོང་ངོ་ཞེས་སྨྲས་ནས། དེ་དག་དེར་སོང་བ་དང༌། དབྱུག་པ་ཅན་དེས་འབྲོས་པར་བརྩམས་69ཏེ། དེས་70རྩིག་པ་ཞིག་གི་སྟེང་ནས་71མཆོངས་པ་དང༌། དེའི་དྲུང་ན་ཐ་ག་པ་ཞིག་ཐགས་འཐག་ཅིང་འདུག་པ་དེའི་སྟེང་དུ་ལྷུང༌72ནས་ཐ་ག་པ་དེ་ཚེ་འཕོས་པ་དང༌། ཐ་ག་པའི་ཆུང་མས་དབྱུག་པ་ཅན་དེ་བཟུང༌73ནས། ཁྱོད་ཀྱིས་ངའི་ཁྱོ་བསད་ཀྱིས་ངའི་ཁྱོ་བྱིན་ཞིག་ཅེས་སྨྲས་པ་དང༌། ངས་ཁྱོད་ཀྱི་ཁྱོ་ཅི་ལྟར་74སྦྱིན་ཞེས་སྨྲས་ནས། ཚུར་ཤོག་རྒྱལ་པོའི་དྲུང་དུ་འདོང་ངོ༌༎ དེས་འུ་བུ་ཅག་གི་ཞལ་ཅེ་གཅད་དོ་ཞེས་དོང་བ་ལས།75 ལམ་གྱི་བར་ན་ཆུ་བོ་གཏིང་ཟབ་པོ་76ཞིག་ཡོད་དེ། ཆུ་དེའི་ནང་ནས་ཚུར་77ཤང་མཁན་78ཞིག་སྟེའུ་ཁ་ན་འཁྱེར་ཏེ་འོང་ངོ༌། །དེ་ལ་དབྱུག་པ་ཅན་གྱིས་ཆུའི་གཏིང་ཅི་ཙམ་ཞེས་དྲིས་79པ་དང༌། ཆུའི་གཏིང་ཟབ་བོ་80ཞེས་སྨྲས་པས་81སྟེའུ་ཆུར་ལྷུང་སྟེ། སྟེའུ་མ་རྙེད་པ་དང༌། དེས་དབྱུག་པ་ཅན་བཟུང་ནས། ཁྱོད་ཀྱིས་ངའི་སྟེའུ་ཆུར་བསྐྱུར་རོ82༎ དེས་སྨྲས་པ་ངས་མ་བསྐྱུར་ཏོ། །ཚུར་ཤོག་རྒྱལ་པོའི་དྲུང་དུ་འདོང་དང༌། དེས་འུ་བུ་ཅག་གི་ཞལ་ཆེ་གཅད་དོ་ཞེས་སྨྲས་ནས་དོང་ངོ༌། །དེ་དག་སོང་བ་ལས་83 རྒྱལ་པོའི་དྲུང་དུ་ཕྱིན་པ་དང༌། དེ་དག་རྒྱལ་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ84 །དེ་ནས་རྒྱལ་པོས་དེ་དག་ལ་ཁྱོད་ཅི་ལ་འོངས་ཤེས་དྲིས་པ་དང༌། དེ་དག་གིས་དབྱུག་པ་ཅན་དང་ཁྱིམ་བདག་རྩོད་པ་85དེ་དག་ཐམས་ཅད་སྨྲས་སོ། །རྒྱལ་པོས་དབྱུག་པ་ཅན་ལ་སྨྲས་པ། ཁྱོད་ཀྱིས་གླང་བརྙས་སམ། །བརྙས་སོ། །འོ་ན་ཕྱིར་བྱིན་ནམ༎ བདག་གིས་མཐོང་བར་86བྱིན་ཏེ། ཁས་87ནི་མ་བཏང་ངོ༌། །རྒྱལ་པོས་སྨྲས་པ། དབྱུག་པ་ཅན་དེས་གླང་ཕྱིར་བྱིན་ཏེ་མ་སྨྲས་པས་ན88། ལྕེ་ཆོད་ཅིག །ཁྱིམ་བདག་ཀྱང་གླང་འོངས་པར་89མཐོང་ལ་90མ་བཏགས་91པས་ནི། མིག་ཕྱུང་92ཞིག་ཅེས་བརྗོད་དོ། །ཁྱིམ་བདག་གིས་སྨྲས་པ། དབྱུག་པ་ཅན་གྱིས་གཅིག་ཏུ་93ནི་བདག་གི་94གླང་ཕྲོགས། གཉིས་སུ་95བདག་གི་མིག་ཕྱུང་བ་བས96 དབྱུག་པ་ཅན་རྒྱལ་བར་འགྱུར་ཡང་བླའོ97། མི་གཅིག་གིས་ལྷ98། དབྱུག་པ་ཅན་གྱིས་བདག་གི་རྟ་རྒོད་མ་བཀུམ་99མོ་ཞེས་སྨྲས་པ་དང༌། རྒྱལ་པོས་དབྱུག་པ་ཅན་ལ་ཁྱོད་ཀྱིས་རྟ་ཅི་ལྟར་བསད་ཅེས་དྲིས་ནས། །བདག་ལམ་དུ་ཞུགས་100ཏེ་མཆིས་པ་ལས། མི་འདིས་རྟ་མ་བཏང་ཞེས་མཆི་101བ་ལས། བདག་གིས་རྟོ་ཞིག་བླངས་ཏེ། འཕངས་པ་ལ་102རྟ་བཀུམ་མོ། །རྒྱལ་པོས་སྨྲས་པ། རྟ་བདག་གིས་རྟ་མ་བཏང་ཞེས་སྨྲས་པས་ལྕེ་ཆོད་ཅིག །དབྱུག་པ་ཅན་ནི་103རྡོ་འཕངས་པས་ལག་པ་ཆོད་ཅིག །མི་དེས་སྨྲས་པ། གཅིག་ཏུ་བདག་གི་རྟ་བསད། གཉིས་སུ་བདག་གི་ལྕེ་གཅད་པ་བས། དབྱུག་པ་ཅན་རྒྱལ་བར་འགྱུར་ཀྱང་བླའོ། །ཐ་ག་པའི་ཆུང་མས་སྨྲས་པ། དབྱུག་པ་ཅན་གྱིས་བདག་གི་ཁྱོ་བཀུམ་མོ། །དབྱུག་པ་ཅན་གྱིས་སྨྲས་པ། བདག་ལ་དགྲ་མངས་པས་104འཇིགས་ཏེ་རྩིགས་པ་ལས་བརྒལ་ནས་བྲོས་པ་ལས། ཕག་ན་མི་ཡོད་པ་105མ་མཐོང་སྟེ་གུམ་མོ། །རྒྱལ་པོས་སྨྲས་པ། སོང་ལ་106འདི་ཉིད་107ཀྱི་ཁྱོ་གྱིས་108ཤིག །དེས་སྨྲས་པ། གཅིག་ཏུ་བདག་གི་ཁྱོ་བསད། གཉིས་སུ་འདི་ཁྱོ་བྱས་པ་བས109། དབྱུག་པ་ཅན་རྒྱལ་པར་འགྱུར་ཀྱང་བླའོ། །ཤིང་མཁན་གྱིས་སྨྲས་པ། དབྱུག་པ་ཅན་དེ་110བདག་ལ་ཆུའི་གཏིང་ཅེ་ཙམ་ཞེས་དྲིས་པས། ཁ་ནས་སྟེའུ་ཐོགས་པ་111ཆུར་ལྷུང་ངོ༌། །རྒྱལ་པོས་སྨྲས་པ། རྫ་ཇི་ཁྱེར་ཡང་ཕྲག་པ་ལ་བཀུར་བའི་རིགས་ཀྱི་112ཁ་ན་ཁྱེར་བས། ཤིང་མཁན་གྱི་མ་དུན་སོ་གཉིས་ཆོག་ཅིག །དབྱུག་པ་ཅན་ནི་ཆུའི་གཏིང་ཟབ་བམ་ཞེས་པས་113ལྕེ་ཆོད་ཅིག །ཤིང་མཁན་གྱིས་སྨྲས་པ། གཅིག་ཏུ་བདག་གི་སྟེའུ་སྟོར། གཉིས་སུ་བདག་གི་སོ་བཅག་པ་བས། དབྱུག་པ་ཅན་རྒྱལ་བར་འགྱུར་ཀྱང་བླའོ། །དེ་དག་སོ་སོ་ནས་114ཞལ་ཆེ་བཅད་དེ། དབྱུག་པ་ཅན་ཉེས་པ་ཀུན་ལས་ཐར་རོ༎ ༎